招生信息
当前位置: 网站首页 >> 招生信息 >> 正文
阿里地区双语幼儿园2020年秋季招生公告
发布时间:2020-08-12 来源:阿里地区双语幼儿园 点击数:

2020ལོར་མངའ་རིས་ས་ཁུལ་སྐད་གཉིས་བུ་བཅོལ་ཁང་གི་སྟོན་དུས་སློབ་བསྡུའི་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་ཆེད་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་《སློབ་ཞུགས་གོང་གི་སློབ་གསོའི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི་བླང་བྱ་》གཞིར་བཟུང་།དེ་བཞིན་《མངའ་རིས་ས་ཁུལ་གྱི་2020ལོའི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སྟོན་དུས་སློབ་འགོ་ཚུགས་པའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོའི་》དགོངས་དོན་གཞིར་བཟུང་རང་ལྗོངས་ཀྱི་སེང་གེ་ཁ་འབབ་གྲོང་རྡལ་གྲོང་ཁུལ་གྱི་སློབ་ལོ་ལོན་པའི་བྱིས་པ་དང་དེ་བཞིན་མཉམ་སྤོའི་བུ་ཕྲུག་བུ་བཅོལ་ཁང་དུ་འདྲ་མཉམ་ངང་ཞུགས་ནས་སློབ་ཞུགས་གོང་གི་སློབ་གསོ་དང་ལེན་བྱ་རྒྱུའི་འགན་ལེན་བྱས་ད་ལྟ་འབྲེལ་ཡོད་སློབ་བསྡུའི་ལས་དོན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

为进一步规范2020年阿里地区双语幼儿园秋季招生工作,根据西藏自治区教育厅《关于做好学前教育幼儿入园工作的通知要求》以及《关于阿里地区2020年各级各类学校秋季开学有关工作的通知》的精神,保障我地区狮泉河镇城区适龄幼儿以及随迁子女公平入园接受学前教育,现将有关招生工作公告如下:

གཅིག། སློབ་བསྡུའི་ཁྱབ་ཁོངས།

(གཅིག་)ཐེམ་ཐོ་སེང་གེ་ཁ་འབབ་གྲོང་རྡལ་གྲོང་ཁུལ་ནང་གི་ལས་བྱེད་ལས་བཟོ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ཡོད་པའི་མི་སྣ་(་གནས་སྐབས་གླ་པ་ཚུད་མེད་)་ཡི་བུ་ཕྲུག།

(གཉིས་)སེང་གེ་ཁ་འབབ་གྲོང་རྡལ་གྲོང་ཁུལ་དུ་གཏན་འཇགས་གཉེར་སྐྱོང་བྱ་ཡུལ་ཡོད་པ་མ་ཟད་ཁྲིམས་སྲུང་གཉེར་སྐྱོང་བྱས་ནས་ལོ་ཕྱེད་དང་དེ་བཞིན་ལོ་ཕྱེད་ཡན་སོང་བའི་ཚོང་གཉེར་མི་སྣའི་བུ་ཕྲུག།

(གསུམ་) སེང་གེ་ཁ་གྲོང་བརྡལ་དུ་ཁང་པ་ཉོས་ནས་སྡོད་པའི་གྲོང་མིའི་བུ་ཕྲུག།

一、招生范围

(一)户口在狮泉河镇城区内的干部职工、公益性岗位人员(不含临时工)子女。

(二)在狮泉河镇城区有固定经营场所,且守法经营半年及半年以上的经商人员子女。

(三)在狮泉河镇购房居住的居民子女。

གཉིས། སློབ་བསྡུའི་འཆར་གཞི་དང་བྱ་ཡུལ།

 

(གཅིག་)འཛིན་གྲྭ་ཆུང་བ། ལོ་3ལ་སོན་པའི་བྱིས་པ་(2016ལོའི་ཟླ་9ཚེས་1ཉིན་ནས་2017ལོའི་ཟླ་8ཚེས་31ཉིན་བར་སྐྱེས་པའི་བྱིས་པ།)

(གཉིས་)འཛིན་གྲྭ་འབྲིང་བ། ཕ་མ་གཉིས་ལས་གནས་སྤོས་པའི་རྐྱེན་གྱིས་ཕ་མ་དང་བུ་ཕྲུག་སོ་སོར་སྡོད་པའི་རྐྱེན་གྱིས་སློབ་གྲྭ་བསྒྱུར་མཁན་སློབ་མ་ཁོ་ན་བསྡུ་རྒྱུ་ལོ་4ལ་སླེབས་པའི་བྱིས་པ་(2015ལོའི་ཟླ་9ཚེས་01ཉིན་ནས་2016ལོའི་ཟླ་8ཚེས་31ཉིན་བར་སྐྱེས་པའི་བྱིས་པ།)

(གསུམ་)འཛིན་གྲྭ་ཆེ་བ། ཕ་མའི་ལས་ཀའི་དབང་གིས་ལས་གནས་བསྒྱུར་བ་དང་ཕ་མ་དང་བུ་ཕྲུག་སོ་སོར་སྡོད་པའི་རྐྱེན་གྱིས་སློབ་མ་བསྒྱུར་བ་ཁོ་ན་བསྡུ་དགོས་ལོ་5ལ་སླེབས་པའི་བྱིས་པ་(2014ལོའི་ཟླ་9ཚེས་01ཉིན་ནས་2015ལོའི་ཟླ་8ཚེས་31ཉིན་བར་སྐྱེས་པའི་བྱིས་པ)

二、招生计划及对象

(一)小班:年满3岁幼儿(2016年9月01日到2017年8月31日之间出生的幼儿)。

(二)中班:只招因父母工作调动、父母与子女分居原因的转学生。年满4岁幼儿(2015年9月01日到2016年8月31日之间出生的幼儿)。

(三)大班:只招因父母工作调动、父母与子女分居原因的转学生。年满5岁幼儿(2014年9月01日到2015年8月31日之间出生的幼儿)。

གསུམ། སློབ་མ་བསྡུ་བའི་ཁྱབ་ཁོངས་(ཆ་རྐྱེན་)དང་མཐུན་པར་གཤམ་གསལ་གྱི་དཔྱད་ཡིག་མཁོ་འདོན་བྱ་དགོས།

 

(གཅིག་)སེང་གེ་ཁ་འབབ་གྲོང་རྡལ་གྲོང་ཁུལ་དུ་སྡོད་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་མི་སྣའི་བུ་ཕྲུག་གི་ལྟ་སྐྱོང་པས་ས་ཁུལ་མི་སྤྱི་ཅུས་ཀྱིས་བྲིས་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་དཔང་ཡིག་འཁྱེར་དགོས་།(་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཁོངས་སུ་གཏོགས་པར་འགན་ལེན་གྱི་མ་ཡིག་དམའ་པོ་འཁྱེར་དགོས་པ་) དང་དེ་བཞིན་བྱིས་པ་དང་ཁྱིམ་བདག་གི་ཁྱིམ་བདག་གི་མ་ཡིག་སྲབ་མོ་འཁྱེར་དགོས་།

(གཉིས་)ལས་བྱེད་པ་དང་ལས་བཟོ་པས་བྱིས་པ་དང་ཁྱིམ་བདག་གི་མ་ཡིག་ངོ་མ་འཁྱེར་དགོས།

(གསུམ་)བྱིས་པའི་གཟུགས་པོར་བརྟག་དཔྱད་སྙན་ཞུ་ཡི་གེ་(ས་ཁུལ་གྱི་མ་བུའི་འཕྲོད་སྦྱོར་སྨན་ཁང་གི་གཟུགས་པོར་བརྟག་དཔྱད་ཚད་གཞི)དང་ཕྲུ་གུར་རིམས་འགོག་ལག་ཁྱེར་རྒྱག་དགོས།

(བཞི་)སེང་གེ་ཁ་འབབ་གྲོང་རྡལ་དུ་ཁྲིམས་སྲུང་གཉེར་སྐྱོང་བྱས་ནས་ལོ་ཕྱེད་དང་ལོ་ཕྱེད་ཡན་སོང་བའི་ཚོང་གཉེར་མི་སྣའི་བུ་ཕྲུག་ལ་ངེས་པར་དུ་ལྟ་སྐྱོང་པ་མཁོ་འདོན་བྱེད་དགོས་2020ལོའི་ཟླ་3ཚེས་1ཉིན་གྱི་སྔོན་དུ་བསྒྲུབས་པའི་ཚོང་གཉེར་ལས་གཉེར་ལག་ཁྱེར་གྱི་མ་ཡིག་དང་ཐེམ་ཐོའི་མ་ཡིག་སྲབ་མོ།

(ལྔ་)སེང་གེ་ཁ་འབབ་གྲོང་རྡལ་དུ་ཁང་པ་ཉོ་མཁན་ཡུལ་མིའི་བུ་ཕྲུག་ལ་ངེས་པར་དུ་ལྟ་སྐྱོང་བྱེད་མཁན་ཡོད་དགོས་།སེང་གེ་ཁ་འབབ་གྲོང་རྡལ་གྱི་གཏན་འཇགས་རྒྱུ་ནོར་བདག་དབང་ལག་ཁྱེར་རམ་ཡང་ན་ཁང་པའི་བདག་དབང་ལག་ཁྱེར་དང་ས་ཞིང་ལག་ཁྱེར་གྱི་མ་ཡིག་དང་དེ་བཞིན་བྱིས་པ་དང་ཁྱིམ་བདག་གི་ཁྱིམ་བདག་གི་མ་ཡིག་སྲབ་མོ།

(དྲུག་)གོང་དུ་མཁོ་འདོན་བྱ་དགོས་པའི་འབྲེལ་ཡོད་ལག་ཁྱེར་དང་དཔང་ཡིག་རྫུན་མ་ཡིན་པ་རྩད་ཆོད་མཐའ་གསལ་བྱུང་ན་བུ་ཕྲུག་དེ་བུ་བཅོལ་ཁང་དུ་ཞུགས་པའི་ཐོབ་ཐང་མེད་པར་བཟོ་རྒྱུ།

(བདུན་) སློབ་གྲྭར་ཞུགས་པའི་སློབ་མར་མིང་ཐོ་འགོད་སྐབས་དེ་སྔའི་སློབ་ཞུགས་ར་བའི་དཔང་ཡིག་དང་སློབ་ཁོངས་ཨང་རྟགས་དང་དེ་བཞིན་ལྟ་སྐྱོང་པས་ཡིག་ཆའི་བསྐྱར་དཔར་ཡིག་ཆ་སྐོང་འཐེན་བྱས་ཡོད་བུ་བཅོལ་ཁང་དུ་ཞུགས་པའི་ཁྱབ་ཁོངས་དང་ཚད་གཞི་གཅིག་མཚུངས་ཡིན།

三、符合招生范围(条件)需提供以下材料

 

(一)居住在狮泉河镇城区的公益性岗位人员子女的监护人需持地区人社局开具的公益性岗位证明(属城镇低保的需携带低保证原件)以及幼儿、家长户口薄原件。

(二)干部职工需持幼儿及家长户口薄原件。

(三)幼儿体检报告单(地区妇幼保健院体检为准)、幼儿接种免疫证。

(四)在狮泉河镇合法经营半年及半年以上的经商人员子女须提供监护人2020年3月1日之前办理的经商营业执照原件、户口薄原件。

(五)在狮泉河镇购房的居民子女必须有监护人在狮泉河镇的不动产权证书或房权证和土地证原件以及幼儿、家长户口薄原件。

(六)以上所需要提供的相关证件及证明若发现伪造的一经查实将取消该子女入园资格。

(七)转入生报名时需提供原就读园所的证明、学籍号以及监护人调动文件复印件。入园范围和标准同上。

བཞི། གྲོན་བསྡུའི་ཚད་གཞི།

 

(གཅིག་)འགན་ལེན་གསུམ་གྱི་ཕྲུ་གུས་རང་མོས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་བྱིས་པའི་འགན་བཅོལ་གྲོན་དངུལ་ལོ་རེར་སྒོར་100ཡིན།

(གཉིས་)གྲོང་ཁྱེར་ཁྱིམ་དུད་ཀྱི་བྱིས་པ་ཡིས་(ལྗོངས་ཕྱིའི་ཐེམ་ཐོ་ཡོད་པའི་བྱིས་པ་ཚུད་ཡོད་)རང་མོས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་

ཟས་དོད་ཉིན་རེར་དངུལ་སྒོར་10ཡིན།

བུ་བཅོལ་ཁང་གི་གྱོན་ཆས་ཀྱི་རིན་གོང་ལོ་རེར་སྒོར་300ཡིན།

བྱིས་པའི་འགན་བཅོལ་གྲོན་དངུལ།ལོ་རེར་སྒོར་100ཡིན།

四、收费标准

(一)“三包”生的幼儿在自愿前提下收取保险费100元/年。

(二)城户幼儿(含区外户籍幼儿)在自愿的前提下收取:伙食费:10元/天

园服费:300元/年

保险费:100元/年

ལྔ། སློབ་མ་བསྡུ་བའི་ས་གནས་དང་དུས་ཚོད།

 

སློབ་མ་བསྡུ་ཡུལ་དེ་མངའ་རིས་ས་ཁུལ་གྱི་སྐད་གཉིས་བུ་བཅོལ་ཁང་གི་སྒོ་རའི་ནང་ཡིན་པ་དང་སློབ་མ་བསྡུ་བའི་དུས་ཚོད་ནི་2020ལོའི་ཟླ་8ཚེས་22ཉིན་གྱི་ཕྱི་དྲོའི་ཆུ་ཚོད་15ཙམ་ལ་བསྡུ་འགོ་ཚུགས་པའི་བསྡུ་ཚར་རག་བར་དུ་ཡིན།

五、招生地点及时间

 

招生地点在阿里地区双语幼儿园园内,招生时间为2020年8月22日下午15:00开始招完为止。

བློ་འདྲིའི་ཁ་པར།(咨询电话):

བསོད་ནམས་ལྷ་མོ་ (索南拉姆) 13989971030

ཚེ་རིང་གཡང་འཛོམས་(次仁央宗)13648976668

ལུའུ་ ཡེ་ (卢 叶)17708971795

(སློབ་བསྡུའི་སྒྲིག་ཡིག་སྟབས་བདེ་དེ་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་འགྲེལ་བཤད་བྱེད་དབང་ནི་མངའ་རིས་ས་ཁུལ་གྱི་སྐད་གཉིས་བུ་བཅོལ་ཁང་ཡིན། 本招生简章自公布之日起实施,解释权为阿里地区双语幼儿园。)


联系我们| 关于我们| 网站声明| 网站地图

公安备案号:藏ICP备18000418号-1  藏公网安备54252302000014号

地区教体局门户网站服务器IP:124.31.223.26 版权所有:阿里地区教育局(阿里地区体育局) 技术支持:阿里地区电信公司